Jump to content

ཟླ་བ་བཅུ་གཉིས་པ

ཡོང་ཁུངས་Wikipedia
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.

ཟླ་༡༢ཚེས་༡

༡ སྟབས་བདེའི་བྱ་བར་བསམ་བློ་རྙོག་དྲ་ཚ་པོ་བཏང་ཚེ། ཁྱབ་ཚུལ་གསར་པ་རྙེད་ཐུབ་པ་དང། སྣང་ཚུལ་རྙོག་འཛིང་ཅན་ལ་སྟབས་བདེའི་ལྟ་ཚུལ་འཛིན་ཕྱིན། ཆོས་ཉིད་གསར་པ་རྟོགས་ཐུབ་པའོ། །

༢ ཁྱེད་ཀྱིས་རང་གི་རིན་ཐང་ལ་གཅེས་སྤྲས་བྱེད་འདོད་ན། ཁྱེད་ཀྱིས་འཛམ་གླིང་ལ་རིན་ཐང་གསར་སྐྲུན་ཐུབ་པ་གྱིས་ཤིག། །

ཟླ་༡༢ཚེས་༢

༡ ལོ་རྒྱུས་སྐོར་ཐག་གཅོད་རྒྱུ་ཤིན་ཏུ་དཀའ་མོ་ཞིག་ཡིན། མང་མང་གི་ཁར་རྒྱུན་ལ་ཡིད་རྟོན་མི་རུང་བ་མང་དུ་ཡོད་པར་མ་ཟད། ཡིག་ཚང་དུ་བཀོད་པའི་ལོ་རྒྱུས་ཡིན་ཡང་ཡིད་རྟོན་མི་རུང་བ་མང་དུ་ཡོད། ---དོར་ཞི།

༢ གྲུ་གུ་དང་ལི་ཡུལ་དང་ཡུན་ནན་སོགས་ཀྱང་བོད་ཀྱི་འོག་ཏུ་ལོ་བརྒྱ་ཕྲག་ལྷག་པར་གནས་པ་སོགས། བདེན་པ་རྭ་སྤྲོད་གཏོང་ནུས་པའི་རྒྱལ་རབས་ཀྱི་ཆ་ཤས་བརྗེད་དུ་འཕང་བ་འདི་འདྲ་དག་ཀྱང་། ཐ་ན་ཕྱི་རྒྱའི་མཁས་པ་ལོ་རྒྱུས་སྨྲ་བ་དག་གི་ཁྲོད་ན་ཡང་ཁྱབ་གདལ་དུ་གྲགས་མོད་ཀྱི། རང་ཡུལ་གྱི་མི་རྣམས་ལ་ནི་ཕལ་ཆེར་རྒྱུས་ཡོད་མེད་ཀྱི་ས་མཚམས་སུ་སླེབས། ---དགེ་འདུན་ཆོས་འཕེལ།

༣ གང་ལ་ཡང་སྙིང་བོ་མེད་ཟེར་བའི་ངེས་འབྱུང་ཅན་རྣམས་ཀྱི་ཁ་ལ་མ་ཉན་པར་རིག་པའི་འཚོལ་བའི་ལམ་དུ་འཇུག་པར་གྱིས་ཤིག ---དགེ་འདུན་ཆོས་འཕེལ།

ཟླ་༡༢ཚེས་༣

༡ བློ་མ་ཕམ།གསར་སྐྱེས་ཀྱི་གཞོན་ནུ།རྒྱལ་ཁམས་ཀྱི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་པ་བདེན་དུ་ཆུག་ཀྱང་། ཞལ་ལྕེ་དགའ་གསུམ་དང་འདར་གསུམ་ཡོད་པས། ཁྱེད་ཀྱི་བློ་ཅི་ལ་ཕམ། ---དཔལ་དོན་གྲུབ་རྒྱལ།

༢ བདེ་བ་མྱོང་བ་དེ་ཡང་དོན་ཆུང་མིན།།རིགས་རྒྱུད་བསྐྱེད་པ་དེ་ཡང་དོན་ཆུང་མིན།། ---དགེ་འདུན་ཆོས་འཕེལ།

༣ ཤེས་རབ་ཡོད་ན་ཕྱོགས་གང་ནས་ཀྱང་གནད་ཆེན་པོ་རེ་རྙེད་ནུས་པས། ཧྲིལ་གྱིས་འདོར་བ་དང་ཧྲིལ་གྱིས་ལེན་པ་འདི་གཉིས་ཀ་ཡང་རྣམ་དཔྱོད་ཀྱི་ལམ་མ་ཡིན་ནོ།། ---དགེ་འདུན་ཆོས་འཕེལ།

༤ མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ལ།།རང་མགོ་བསྐོར་བའི་གོས་ཀྱིས་མི་གཡོགས་པ།།འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ།།སྲོག་ལ་བབས་ཀྱང་འབད་པས་བསྲུང་བར་འཚལ།། ---དགེ་འདུན་ཆོས་འཕེལ།།

༥ ལ་རྒྱ་ནི་རང་རའི་བླ་སྲོག་ཡིན་པ་དང་། ང་རྒྱལ་ནི་རང་གི་གཟི་བརྗིད་རེད། ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་དེ། གཞན་གྱི་རྐང་འོག་ཏུ་མི་འཇོག་པ་དང་། ཁ་བ་ཅན་གྱི་ལ་རྒྱའི་དཔུང་བ་དེ། གཞན་གྱི་མགོ་ཐོག་ཏུ་བསྒྲེངས་ནུས་ན། རང་རིགས་ཀྱི་གཟི་བརྗིད་དང་། མེས་རྒྱལ་གྱི་ལ་རྒྱ་ཡང་རེད།---དཔལ་དོན་གྲུབ་རྒྱལ།

ཟླ་༡༢ཚེས་༤

ཟླ་༡༢ཚེས་༥

ཟླ་༡༢ཚེས་༦

ཟླ་༡༢ཚེས་༧

ཟླ་༡༢ཚེས་༨

ཟླ་༡༢ཚེས་༩

ཟླ་༡༢ཚེས་༡༠

ཟླ་༡༢ཚེས་༡༡

ཟླ་༡༢ཚེས་༡༢

ཟླ་༡༢ཚེས་༡༣

ཟླ་༡༢ཚེས་༡༤

ཟླ་༡༢ཚེས་༡༥

ཟླ་༡༢ཚེས་༡༦

ཟླ་༡༢ཚེས་༡༧

ཟླ་༡༢ཚེས་༡༨

ཟླ་༡༢ཚེས་༡༩

ཟླ་༡༢ཚེས་༢༠

ཟླ་༡༢ཚེས་༢༡

ཟླ་༡༢ཚེས་༢༢

ཟླ་༡༢ཚེས་༢༣

ཟླ་༡༢ཚེས་༢༤

ཟླ་༡༢ཚེས་༢༥

ཟླ་༡༢ཚེས་༢༦

ཟླ་༡༢ཚེས་༢༧

ཟླ་༡༢ཚེས་༢༨

ཟླ་༡༢ཚེས་༢༩

ཟླ་༡༢ཚེས་༣༠

ཟླ་༡༢ཚེས་༣༡