Jump to content

འབྲུག་ལུས་རྩལ་ཚོགས་པ། Bhutan Boxing Federation

Wikipedia ལས།

ངོ་སྤྲོད།

[ཞུན་དག།]

འབྲུག་རྒྱལ་ཁབ་ནང་ལུ་དེང་སང་གི་རྩེད་རིགས་འདི་སྤྱི་ལོ་ ༡༩༧༠ ལོ་གི་བར་མཚམས་གཅིག་ཁར་ འབྲུག་རྒྱལ་ཡོངས་རྩེད་རིགས་མཐུན་ཚོགས་ཀྱིས་རྒྱལ་ཡོངས་རྩེད་རིགས་ཀྱི་འདུས་ཚོགས་ཅིག་སྦེ་གཞི་བཙུགས་འབད་བའི་ཤུལ་ལས་རྐྱངམ་གཅིག་བྱུང་ཡོདཔ་ཨིན། དེ་ལས་ཚུར་འགོ་བཙུགས་རྩེད་རིགས་དང་ལུས་རྩལ་གྱི་ལམ་ལུགས་ཚུ་གཞི་བཙུགས་འབད་དེ་ གོང་འཕེལ་དང་དར་ཁྱབ་གཏང་ནིའི་དོན་ལུ་ལཱ་ཚུ་བརྩོན་ཤུགས་བསྐྱེད་དེ་འབད་ཡོདཔ་ཨིན་མས། དེ་བསྒང་རྒྱལ་ཁབ་ནང་ལུ་ལུས་རྩལ་གྱི་སྒྲིག་གཞི་དང་རིག་རྩལ་ཅན་གྱི་རྩེད་རིགས་སྦྱོང་བརྡར་བྱིན་མི་དང་བསླབ་སྟོན་པ་ཚུ་མེད་དེ་འབད་རུང་ ལུས་རྩལ་འདི་རྒྱལ་ཁབ་ཀྱི་སློབ་གྲྭ་ཁག་ལས་ཕར་གཞི་བཙུགས་འབད་དེ་སྦྱང་བ་བྱིན་་ནི་གི་ལཱ་ཚུ་འགོ་བཙུགས་གནང་ནུག། རྒྱལ་ཁབ་ནང་ན་ལུ་ཡོད་པའི་སྔར་སྲོལ་གྱི་རྩེད་རིགས་འགྲན་བསྡུར་གྱི་ལས་རིམ་དཔེར་ན་ སོག་སོགམ། དཔུང་རྡོ་དང་རྡོས་སྒོར་དོ་འགྲན་པ་ཚུའི་རྩེད་རིགས་ཀྱི་ནང་ལུ་ཕོ་སྐྱེས་ཀྱི་རང་བཞིན་ཚུ་དབྱེ་ཞིབ་འབད་ནིའི་དོན་ལུ་ལཱ་ཚུ་གོ་རིམ་བཞིན་འགོ་འདྲེན་འཐབ་ནི་འགོ་བཙུགས་ནུག།

གཞི་བཙུགས་སྐོར།

[ཞུན་དག།]
ལུས་རྩལ་ འབྲུག་ལུས་རྩལ་ཚོགས་པ།

འཛམ་གླིང་ནང་གི་རྒྱལ་ཁབ་ཁག་སོ་སོ་ནང་ལུ་དར་ཁྱབ་སོང་སྟེ་ཡོད་པའི་ རང་སོའི་རྩེད་རིགས་ཚུ་འཛམ་གླིང་ནང་ལུ་ཉམས་པ་སོར་ཆུད་དང་ མི་ཉམས་རྒྱུན་སྐྱོང་འབད་དེ་དར་ཁྱབ་གཏང་སྟེ་འཛམ་གླིང་གི་གནས་ཚད་ནང་ལུ་བཀལ་ནིའི་དོན་ལུ་ འབྲུག་ལུས་རྩལ་ཚོགས་པ་ཟེར་མི་ལས་ཚོགས་ཅིག་སྤྱི་ལོ་ ༡༩༨༥ ལུ་གཞི་བཙུགས་འབད་ནུག། དེ་ལས་ཚོགས་པ་གཞན་བྱུང་མི་དང་འབྲེལ་འབྲུག་ལུས་རྩལ་ཚོགས་པ་འདི་གིས་ངེས་པར་དུ་འབད་དགོ་པའི་སྒྲིག་རིམ་ཚུ་ལེགས་ཤོམ་སྦེ་མཐར་འཁྱོལ་ཏེ་ འབྲུག་ཨོ་ལིམ་པིག་ཚོགས་པ་གི་གྲངས་སུ་མཉམ་འབྲེལ་ཚོགས་པ་ཅིག་སྦེ་ཆ་འཇོག་འབད་ནུག། ལུས་རྩལ་འདི་འགོ་ཐོག་གཞི་བཙུགས་འབད་དེ་ དེ་བསྒང་ཁྱད་རིག་ཅན་གྱི་སྦྱོང་བརྡར་བྱིན་མི་དང་སློབ་སྟོན་པ་ཚུ་མེད་པའི་གུར་ རྩེད་རིགས་གོང་འཕེལ་གཏང་ནིའི་དོན་ལུ་དེ་ལུ་ཉེ་བར་མཁོ་བའི་གཞི་རྟེན་མཁོ་ཆས་ཚུ་ཚད་ལྡན་སྦེ་མེད་མི་ལུ་བརྟེན་ཏེ་ སྦྱོང་བརྡར་ཚུ་ལུ་གོང་འཕེལ་གྱི་འགྱུར་བ་སྦོམ་ག་ཅི་ཡང་མེད་པའི་གནས་ཚད་གཅིག་གུ་ར་སྦྱང་བ་འབད་དོ་ཡོདཔ་ཨིན་མས།

འབྲུག་ལུས་རྩལ་ཚོགས་པ་གི་བཀོད་ཁྱབ་འདུས་ཚོགས་ཡང་གཞུང་འབྲེལ་དུ་གཞི་བཙུགས་འབད་དེ་ སྤྱི་ལོ་ ༡༩༩༧ ལུ་འབྲུག་རྒྱལ་ཁབ་ནང་ལུ་རྒྱལ་ཡོངས་ཀྱི་གནས་ཚད་ནང་ལུ་ ལུས་རྩལ་རྩེད་འགྲན་གྱི་ལས་རིམ་འདི་འགོ་དང་པ་འདི་ཐིམ་ཕུག་ལུ་སྦེ་འགོ་འདྲེན་འཐབ་མི་འདི་ རྒྱལ་རབས་ཅན་ཅིག་སྦེ་བྱུང་ཡོདཔ་ཨིན་མས། དེ་བསྒང་རྒྱལ་ཁབ་ཀྱི་སློབ་གྲྭ་དང་སྤེལ་ཁང་ཆ་མཉམ་གྱིས་བཅའ་མར་གཏོགས་ཡོདཔ་ཨིན་མས། དེ་བསྒང་འབྲུག་ལུས་རྩལ་ཚོགས་པ་གིས་ཁོང་རའི་ཟླ་ཐོ་དང་འཁྲིལ་ཏེ་ རྩེད་རིགས་ཀྱི༌ལས༌རིམ༌ཚུ༌འགོ༌འདྲེན༌འཐབ༌སྟེ༌ར༌སྡོད༌ནུག།

དེ༌ལས༌དེ༌གི༌ཤུལ༌ལས༌འབྲུག༌ལུས༌རྩལ༌ཚོགས༌པ༌འདི༌བློན༌པོ༌ཕྲིན༌ལས༌རྒྱ༌མཚོ༌གི༌དབུ༌ཁྲིད༌ཀྱི༌ཐོག༌ལུ༌རྒྱལ༌སྤྱི༌ལུས༌རྩལ༌ཚོགས༌པ༌གི༌འདུས༌ཚོགས་ཀྱི་གྲངས་སུ་འཛུལ་བའི་ཤུལ་ལས་ འབྲུག་ལུས་རྩལ་ཚོགས་པ་ནང་ལུ་བཟང་པོའི་འགྱུར་བ་ལེ་ཤ་འབག་འོང་ནུག། འབྲུག་ལུས་རྩལ་ཚོགས་པ་གི་ཡིག་ཚང་ནང་ལུ་ལཱ་ཚུ་རྩོལ་སྒྲུབ་ཅན་སྦེ་འབད་མི་ལུ་བརྟེན་ཏེ་ འབྲུག་རྒྱལ་ཁབ་འདི་ཡང་རྒྱལ་སྤྱིའི་འཛམ་གླིང་ལུས་རྩལ་གྱི་སབ་ཁྲ་ནང་ལུ་བཀོད་ཚུགས་ནུག། དེ་ལས་འགོ་བཟུང་སྟེ་ལུས་རྩལ་དང་འབྲེལ་བའི་ལས་རིམ་ལེ་ཤ་གཙོ་རིམ་བཟུང་མི་གི་ནང་ལུ་ཡང་ ན་གཞོན་དང་འབྲེལ་བ་ཡོད་མི་ལས་རིམ་ཚུ་ལུ་དམིགས་བསལ་གྱིས་གཙོ་རིམ་བཟུང་སྟེ་ལཱ་འབད་ནུག། འབྲུག་ལུས་རྩལ་ཚོགས་པ་གིས་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ལུས་རྩལ་འབྲེལ་བའི་ལེགས་བསྒྱུར་འབད་དེ་རྒྱལ་ཁབ་ནང་ལུགནས་ཚད་ཅན་གྱི་ལུས་རྩལ་བཟོ་ནིའི་དོན་ལུ་ ང་བཅས་རའི་རྒྱལ་ཁབ་ཀྱི་ལྕོགས་གྲུབ་ཅན་གྱི་སློབ་ཕྲུག་ཚུ་དང་སློབ་ཕྲུག་མེན་རུང་ལྕོགས་གྲུབ་ཡོད་མི་ཚུ་ལུ་གོ་སྐབས་བྱིན་ནི་སེམས་ཐག་བཅད་དེ་ལཱ་འབད་ནི་འགོ་བཙུགས་ནུག། གོང་གི་དམིགས་ཡུལ་སྒྲུབ་ཐབས་ལུ་སློབ་གྲྭའི་ལུས་རྩལ་ཐབས་ཤེས་ཟེར་མི་གི་དར་ཁྱབ་ལས་རིམ་འདི་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ལུ་གཞི་བཙུགས་འབད་དེ་ཡོདཔ་ཨིན་མས། གཤམ་ལུ་འཁོད་མི་ཚུ་འབྲུག་ལུས་རྩལ་ཚོགས་པ་གི་དམིགས་ཡུལ་ཚུ་ཨིན།

༡. རྒྱལ་ཁབ་ནང་འཁོད།

༢. ལུས་རྩལ་དར་ཁྱབ་དང་གོང་འཕེལ།

༣. སློབ་གྲ། སྤེལ་ཁང་དང་གཙུག་སྡེ་དང་རྒྱལ་ཡོངས་ཀྱི་གནས་ཚད་ཅན་གྱི་འགྲན་བསྡུར་འགོ་འདྲེན་འཐབ་ནི།

༤. ཕྱིའི་རྒྱལ་ཁབ།

༥. རྒྱལ་སྤྱི་ལུས་རྩལ་ཚོགས་པའི་འདུས་ཚོགས། ཨེ་ཤེ་ཡའི་ལུས་རྩལ་ཚོགས་པའི་འདུས་ཚོགས། ལྷོ་ཨེ་ཤེ་ཡའི་ལུས་རྩལ་ཚོགས་པ་དང་གཞན་ཚུ་དང་གཅིག་ཁར་མཐུན་ལམ་བཟོ་ནི་དང་བཞག་ནི། (འབྲུག་ཨོ་ལིམ་པིག་ཚོགས་པ། གནམ་ལོ་མེད། སྤྱི་ལོ་མེད།)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

[ཞུན་དག།]

༡. འབྲུག་ཨོ་ལིམ་པིག་ཚོགས་པ། འབྲུག་གི་ལུས་རྩལ་ཚོགས་པ། གནམ་ལོ་མེད། སྤྱི་ལོ་མེད། ཡོངས་འབྲེལ་ཁ་བྱང་། https://bhutanolympiccommittee.org/bhutan-amateur-athletics-federation/