ཧྲན་ཧའེ་ཀོན།
Appearance
ཧྲན་ཧའེ་ཀོན་ནི་ལེ་དབར་ཁྲིའི་ལྕགས་རི་རིང་པོའི་ཤར་སྣེའི་འགག་སྒོ་གལ་ཆེན་ཞིག་ཡིན། དེའི་བྱང་ཕྱོགས་ཡན་ཧྲན་རི་བོ་ལ་གཏད་པ་དང་ལྷོ་ཕྱོགས་པོ་ཧའེ་རྒྱ་མཚོར་འབྲེལ་བའི་རྐྱེན་གྱིས་མིང་ལ་ཧྲན་ཧའེ་ཀོན་(山海关)ཏེ་རི་འགག་སྒོ་ཞེས་ཟེར། ཧྲན་ཧའེ་ཀོན་གྱི་གོ་བབས་ཧ་ཅང་གལ་ཆེ་ཞིང་ཧྭ་པེ་ནས་ཤར་བྱང་ལ་འགྲོ་སའི་མིད་པ་ལྟ་བུའི་འགག་སྒོ་ཡིན་པས། གནའ་སྔ་མོའི་དུས་ནས་"ཅིན་མཁར་གཉིས་ཀྱི་སྒོ་ལྕགས་ལྡེ་མིག་"ཅེས་པའི་མིང་ཡོད་ལ་དམག་རྩོད་བྱེད་ས་འབའ་ཞིག་ཡིན། དེང་སང་གི་མཁར་རྫོང་དེ་ནི་མིང་རྒྱལ་རབས་སྐབས་སུ་བསྐྲུན་པ་རེད། མཁར་གྱི་ཕྱི་ལོགས་སུ་ད་དུང་མཁར་རྫོང་དང་རྡོ་སྟེགས་མང་པོ་བསྐྲུན་ཡོད་པས། མཁར་དང་ལྕགས་རི་གཞི་གཅིག་ཏུ་སྦྲེལ་ནས་གནའ་བོའི་དམག་དོན་འགོག་སྲུང་བཟོ་སྐྲུན་མ་ལག་ཚང་བ་ཞིག་ཏུ་གྲུབ་ཡོད།[༡]
གསལ་བཤད།
[རྩོམ་སྒྲིག]ལོ་རྒྱུས།
[རྩོམ་སྒྲིག]པར་རིས་བར་འཁྱམས།
[རྩོམ་སྒྲིག]
ཟིན་ཐོ་འམ་དཔྱད་གཞི།
[རྩོམ་སྒྲིག]- ↑ "འཛམ་གླིང་གི་ཡུལ་ལྗོངས།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧