Jump to content

རྒྱལ་སྲུང་བསྟན་སྲུང་དམག་མི། Royal Bhutan Army

Wikipedia ལས།
Kheng Singye Dorji (KSD) (བློ། | ཕན་འདེབས།) གིས་ ༡༠:༣༩, ༤ སྤྱི་ཟླ་བདུན་པ། ༢༠༢༤ ཚུན་གྱི་བསྐྱར་ཞིབ།
(ཁྱད་པར།) ←བསྐྱར་ཞིབ་རྙིངམ། | ད་ལྟོའི་བསྐྱར་ཞིབ། (ཁྱད་པར།) | བསྐྱར་ཞིབ་གསརཔ་→ (ཁྱད་པར།)

ངོ་སྤྲོད།

[ཞུན་དག།]

རྒྱལ་སྲུང་བསྟན་སྲུང་དམག་སྡེ་འདི་སྤྱི་ལོ་ ༡༩༥༠ ལུ་རྒྱ་གར་གིས་སེམས་ཤུགས་ཀྱི་རྒྱབ་སྐྱོར་དང་ རྒྱ་ནག་གི་བོད་ཀྱི་རྒྱལ་ཁབ་འདི་བཙན་དབང་འབད་མིའི་་གདོང་ལེན་ལུ་བསྟེན་ཏེ་ འབྲུག་གིས་གཏན་འཇགས་ཀྱི་དྲག་པོའི་བསྟན་སྲུང་དམག་སྡེ་སྦེ་གཞི་བཙུགས་འབད་ཡོདཔ་ཨིན། སྤྱི་ལོ་ ༡༩༥༨ ལུ་རྒྱལ་ཡོངས་ཞི་བའི་དམག་སྡེ་འདི་གཞི་བཙུགས་འབད་བའི་ཤུལ་ལུ་ གཞུང་གིས་ལོ་དེ་ནང་ར་དམག་བཙུགས་ལམ་ལུགས་ཁྱབ་བསྒྲགས་འབད་དེ་ དེང་སང་གི་དམག་ཆས་དང་བཅས་པའི་དམག་མི་རུ་ཁག་ ༢༥༠༠ གཞི་བཙུགས་འབད་ནི་གི་འཆར་གཞི་བརྩམས་བཞིན་དུ་ དམག་མི་གི་སྦྱོང་བརྡར་འདི་ལྕོགས་གྲུབ་ཡོད་པའི་འབྲུག་པའི་ཕོ་སྐྱེས་ཚུ་ལུ་བྱིན་ཏེ་ སྤྱི་ལོ་ ༡༩༦༣ ལུ་དམག་སྡེ་འདི་ལེགས་ཤོམ་སྦེ་གཞི་བཙུགས་འབད་ཚུགས་ཡོདཔ་ཨིན་མས། སྤྱི་ལོ་ ༡༩༦༨ ལུ་དམག་སྡེ་འདི་གཞི་སྒྱུར་འབད་དེ་ལོ་དག་པ་ཅིག་གི་ཤུལ་ལས་དམག་མི་ ༤༨༥༠ ལུ་ཡར་སེང་འབད་དེ་ལོ་ལོ་རེ་ནང་ལུ་དམག་མི་ ༦༠༠ རེ་ཁ་སྐོང་བཙུགས་ནི་གིས་དམིགས་ཡུལ་བསྐྱེད་ནུག། སྤྱི་ལོ་ ༡༩༩༠ ལུ་རྒྱལ་སྲུང་བསྟན་སྲུང་དམག་སྡེ་འདི་ཕོ་སྐྱེས་ ༦༠༠༠ གིས་ཞི་བའི་དམག་སྡེ་གིས་རྒྱབ་སྣོན་འབད་དེ་ཡོདཔ་ཨིན་མས། སྤྱི་ལོ་ ༡༩༨༩ ལུ་དམག་མི་གནམ་ཐང་ཉེན་སྲུང་ནང་ལུ་ཨམ་སྲུ་གཉིས་བཙུགས་ཏེ་ཡོད་མི་ལས་གཞན་ཨམ་སྲུ་མེདཔ་ཨིན་མས།

དམིགས་ཡུལ།

[ཞུན་དག།]

རྒྱལ་སྲུང་བསྟན་སྲུང་དམག་སྡེ་གི་དམིགས་ཡུལ་གཙོ་བོ་འདི་ས་མཚམས་སྲུང་སྐྱོབ་དང་ དེ་ལས་རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ནང་འཁོད་ཀྱི་ཉེན་སྲུང་འགན་ཁུར་འབག་ནི་གི་རྒྱབ་སྐྱོར་འབད་དེ་ཡོདཔ་ཨིན་མས། དམག་སྡེ་གིས་སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་ནང་ལུ་སྲུང་སྐྱོབ་ཀྱི་ཞབས་ཏོག་བྱིན་ཡོདཔ་དང་ ཞི་བའི་མི་སེར་ཚུ་ལུ་གོ་མཚོན་ཚུ་བཙོང་ནི། བདག་དབང་འབད་དེ་ཆོག་ཐམ་གྱི་ལམ་ལུགས་ཚུ་ཚད་ལྡན་བཟོ་ཡོདཔ་ཨིན་མས། མཛད་སྒོའི་མཛད་སྟོན་ནང་ལུ་སྤྱན་འབུལ་ཞུ་མི་རྒྱ་གར་ལུ་སློབ་སྦྱོང་འབད་མི་ དམག་སྡེའི་སྙན་ཆའི་སྡེ་ཚན་ཡང་ཡོདཔ་ཨིན་མས། དམག་སྡེའི་བཀོད་དཔོན་སྤྱི་ཁྱབ་འདི་མི་དབང་མངའ་བདག་རིན་པོ་ཆེ་གི་མངའ་འོག་ལུ་ དམག་སྡེའི་གཙོ་འཛིན་འགོ་དཔོན་གྱིས་འོག་ལུ་ཉིན་བསྟར་གྱི་ལཱ་ཚུ་འབད་དོ་ཡོདཔ་ཨིན་མས། སྤྱི་ལོ་ ༡༩༨༡ ཚུན་ཚོད་དམག་མི་བཀོད་དཔོན་གཙོ་འཛིན་གྱི་གོ་གནས་འདི་དམག་སྲིད་སྦེ་སྡོད་ཡོདཔ་དང་ དེ་ལས་གུང་བློན་གུར་ཡར་སེང་མཛད་གནང་ཡོདཔ་ཨིན་མས། སྤྱི་ལོ་ ༡༩༩༡ ལུ་གུང་བློན་བླམ་རྡོ་རྗེ་འདི་དམག་སྡེའི་བཀོད་དཔོན་གཙོ་འཛིན་སྦེ་བསྐོ་བཞག་གནང་ཡོདཔ་ཨིན་མས། དམག་སྡེའི་ཡིག་ཚང་ལྟེ་བའི་གོ་གནས་འདི་བློན་པོའི་གནས་ཚད་ཁར་ཨིནམ་དང་ བློན་པོ་ལྷན་རྒྱས་ཀྱི་འོག་ལས་ཕྱག་ཞུ་ཝ་ཨིན་མས། སྤྱི་ལོ་ ༡༩༧༨ ཚུན་ཚོད་རྒྱལ་སྲུང་བསྟན་སྲུང་དམག་མིའི་ཡིག་ཚང་ལྟེ་བ་འདི་ཐིམ་ཕུག་དང་ སློབ་སྦྱོང་ལྟེ་བ་འདི་བསྟན་ཆོས་གླིང་

སྤྱི་ལོ།

[ཞུན་དག།]
དྲན་ཐོ།
༡༩༥༧ ལུ་དབང་འདུས་ཕོ་བྲང་རྫོང་ཁག་འོག་གི་བསྟན་ཆོས་གླིང་དམག་སྦྱོང་ལྟེ་བ་ནང་ལུ་སྦྱོང་བརྡར་འགོ་བཙུགས་ནུག།
༡༩༥༨ རྒྱལ་ཡོངས་ཞི་བའི་དམག་སྡེ་འདི་གཞི་བཙུགས་འབད་ནུག།
༡༩༨༩ ལུ་དམག་མི་གནམ་ཐང་ཉེན་སྲུང་ནང་ལུ་ཨམ་སྲུ་གཉིས་བཙུགས་ནུག།
༡༩༩༡ ལུ་གུང་བློན་བླམ་རྡོ་རྗེ་འདི་དམག་སྡེའི་བཀོད་དཔོན་གཙོ་འཛིན་སྦེ་བསྐོ་བཞག་གནང་ནུག།
༡༩༧༨ ཚུན་ཚོད་རྒྱལ་སྲུང་བསྟན་སྲུང་དམག་མིའི་ཡིག་ཚང་ལྟེ་བ་འདི་ཐིམ་ཕུག་དང་ སློབ་སྦྱོང་ལྟེ་བ་འདི་བསྟན་ཆོས་གླིང་སྦེ་སྡོད་ནུག།
༡༩༨༠ དམག་མི་ཚུ་གི་གོ་མཚོན་ཚུ་ག་ར་རྒྱ་གར་རྒྱལ་ཁབ་ནང་ལུ་བཟོ་སྐྲུན་འབད་མི་འདི་ཨིན་མས།

དང་ལག་ལེན་གྱི་ཡན་ལག་བཞི་དང་ དེ་ལས་ སྤ་རོ་གནམ་ཐང་གི་ཉེན་སྲུང་སྦེ་སྡོད་ནུག། དམག་སྡེའི་ཡན་ལག་ ༡ པ་གི་ཡིག་ཚང་ལྟེ་བ་འདི་དགེ་ལེགས་ཕུག་ལྕང་མཇུག་ཁ་ལུ་ཨིནམ་དང་ ཡན་ལག་ ༢ པ་གི་ཡིག་ཚང་འདི་ཧཱ་འདམ་ཐང་། ཡན་ལག་ ༣ པའི་ཡིག་ཚང་འདི་སྤ་རོ་སྒོ་ཉེན་རྩ་བ་དང་ ཡན་ལག་ ༤ པ་གི་ཡིག་ཚང་ལྟེ་བ་འདི་བཀྲིས་སྒང་ཡོན་ཕུ་ལ་ལུ་ཡོདཔ་ཨིན་མས། དམག་མི་ཚུ་གི་གོ་མཚོན་ཚུ་ག་ར་སྤྱི་ལོ་ ༡༩༨༠ ལུ་རྒྱ་གར་རྒྱལ་ཁབ་ནང་ལུ་བཟོ་སྐྲུན་འབད་མི་འདི་ཨིན་མས། རའི་ཕཱལ། བཱ་ཡོ་ནེཊ། མེ་ཤིན་གཱན་དང་ཨེ་ཊི་ཝའན་ཨེམ་ཨེམ་འབད་མི་གོ་མཚོན་ཐོ་གཞུང་ནང་ལུ་ཡོདཔ་ཨིནམ་མ་ཚད་དག་པ་ཅིག་མཁོ་བྱེད་མེདཔ་སོང་སོངམ་ཡོདཔ་ཨིན་མས། སྲུང་སྐྱོབ་ཀྱི་འཆར་དངུལ་ཚུ་མི་དམངས་ཀྱི་མཐོང་ནི་མེདཔ་ཨིན་མས། དེ་བསྒང་འཆར་གཞི་ལྷན་ཚོགས་ཀྱི་ནང་ལུ་སྤྱིར་བཏང་གཞུང་གི་ཟད་འགྲོ་སྦེ་རྐྱངམ་གཅིག་བཀོད་དེ་ཡོདཔ་ཨིན་མས།

དེ་བསྒང་དམག་མི་གི་གྱངས་ཁ་ཡང་ཆུང་ཀུ་སྦེ་གོ་མཚོན་ཡང་ལེ་ཤ་མེདཔ་ཨིན་མས། དམག་མི་གི་འགོ་དཔོན་དངསྤྱིར་བཏང་གི་དམག་མི་ཚུ་ ཧཱ་ལྷོ་རྫོང་ཁག་ནང་ལུ་སྤྱི་ལོ་ ༡༩༦༡ ལུ་གཞི་བཙུགས་འབད་དེ་ཡོད་པའི་དབང་ཕྱུག་ལྷོ་རྫོང་དམག་སྦྱོང་སློབ་གྲྭ་ནང་ལུ་ རྒྱ་གར་གྱི་དམག་སྡེའི་འགོ་འཛིན་མདོ་འཛིན་གཅིག་གིས་འགོ་ཁྲིད་འབད་དེ་ཡོདཔ་ཨིན་མས། དམག་གསར་ཚུ་སྤྱི་ལོ་ ༡༩༥༧ ལུ་དབང་འདུས་ཕོ་བྲང་རྫོང་ཁག་འོག་གི་བསྟན་ཆོས་གླིང་དམག་སྦྱོང་ལྟེ་བ་ནང་ལུ་སྦྱོང་བརྡར་འབད་དགོཔ་ཨིན་མས། ཨིམ་ཊརཊ་གིས་རྒྱ་གར་ལུ་གོང་འཕེལ་སྦྱོང་བརྡར་ནང་ལུ་འགྱོ་ནི་གོ་སྐབས་ཐོབ་མི་ འགོ་དཔོན་དང་དམག་མི་ཚུ་ལུ་ཟླ་ངོ་གཅིག་དང་གཉིས་ཀྱི་སྦྱོང་བརྡར་བྱིན་ཏེ་ཡོདཔ་ཨིན་མས། རྒྱལ་སྲུང་བསྟན་སྲུང་དམག་མིའི་འགོ་དཔོན་ཚུ་རྒྱ་གར་གྱི་ས་གནས་པུ་ནི་ལུ་ཡོད་པའི་ རྒྱལ་ཡོངས་སྲུང་སྐྱོབ་ཤེས་ཡོན་གཙུག་སྡེ་དང་དེ་རུ་དཱན་ལུ་ཡོད་པའི་ རྒྱ་གར་གྱི་དམག་སྡེའི་གཙུག་ལག་སློབ་གྲྭ་ནང་ལུ་བཏང་སྟེ་དེ་ལས་སྦྱོང་བརྡར་མཇུག་བསྡུཝ་ད་སྡེ་བདག་གི་གོགནས་ཐོབ་སྟེ་འོངམ་ཨིན་མས། དམག་སྡེ་གིས་ལོ་བསྟར་དམག་གསར་འཐུ་སྟེ་བཟའ་ཚང་ནང་ལུ་བུཚ་གཉིས་ལས་ ལྷག་ཡོད་མི་ལས་གཅིག་དམག་མི་ནང་ལུ་འཛུལ་དགོཔ་ཨིན་མས།

མི་ངོམ་སྐྱེས་ལོ་ ༡༦ ལས་ ༢༤ གི་བར་ན་འབད་མི་ཚུ་གཟུགས་ཀྱི་རིང་ཚད་ཉུང་ཤོས་སེན་ཊི་མི་ཊར་ ༡༥༠ དང་ ལྗིད་ཚད་ཉུང་ཤོས་ཀི་ཇི་ ༥༢ ཡོད་མི་ཚུ་དམག་གསར་གྱི་དོན་ལུ་འོངས་འབབ་ཡོདཔ་ཨིན་མས། ཁས་བླངས་པ་དང་དམག་གསར་གདམ་འཐུ་འབད་མི་ཚུ་ལུ་ ཟླ་ངོ་ ༡༠ དང་ ༡༢ ཀྱི་རིང་ལུ་ གོ་མཚོན་གྱི་སྐོར། བརྡ་སྟོན། སབ་ཁྲ་ལྷག་ནི་། ཊེག་ཀཱོན་ཌོ་དང་གཟུགས་ཀྱི་བདེ་ཁམས་ཀྱི་སྐོར་ལས་ཚུད་པའི་གཞི་རྟེན་གྱི་སྦྱོང་བརྡར་ཚུ་བྱིན་དོ་ཡོདཔ་ཨིན་མས། དམག་མི་ཚུ་ཡང་རྫོང་ཁ། ལྷོ་མཚམས་དང་ཨིང་ལིཤ་གི་ཁ་སྐད་ཚུ་ལུ་སྦྱང་དགོཔ་ཨིན་མས། དེ་ལས་ཟླ་རིམ་གྱི་དངུལ་ཕོགས་ཡང་ དངུལ་ཀྲམ་ ༣༠༠ དང་གཅིག་ཁར་སྒྲིག་གོ། བཞེས་སྒོ་དང་སྡོད་གནས་ཚུ་བྱིནམ་ཨིན་མས། སྤྱི་ལོ་ ༡༩༧༠ ལས་འགོ་བཙུགས་ཏེ་དམག་སྡེ་གི་དམིགས་ཡུལ་གཅིག་རང་མགོ་རང་འདྲོངས་འདི་ཨིནམ་ལས་ སྤྱི་ལོ་ ༡༩༧༨ ལུ་དམག་སྡེའི་ཕན་བདེ་ཚོགས་ཆུང་གཅིག་ བསྟན་སྲུང་དམག་མི་དང་རྒྱལ་པོའི་སྐུ་སྲུང་ཚུ་ལུ་ཁྱིམ། བཞེས་སྒོ་དང་འོང་འབབ་བྱིན་མིའི་དམག་སྡེའི་ཕན་བདེ་ལས་འགུལ་ཚུ་ལྟ་རྟོག་འབད་ནིའི་དོན་ལུ་གཞི་བཙུགས་འབད་ཡོདཔ་ཨིན་མས། ཚོགས་ཆུང་འདི་དམག་མི་རེ་རེ་བཞིན་དུ་གི་དཀའ་ངལ་དང་དགོངས་ཞུ་འགྱོ་མི་ཚུ་གིས་ སྐྱིད་སྡུག་ལྟ་དགོ་པའི་འགན་ཁུར་ཡོདཔ་ཨིན་མས། ལས་འགུལ་ཚུ་ནང་ལུ་ལཱ་གཡོགཔ་དམག་མི་ཨིན་རུང་ ལས་འགུལ་འཛིན་སྐྱོང་འདི་ཞི་གཡོགཔ་དང་ཁ་འབགཔ་ཚུ་གིས་འབད་དོ་ཡོདཔ་ཨིན་མས། སྤྱི་ལོ་ ༡༩༧༩ ལུ་ནུབ་ཕྱོགས་ཀྱི་དམག་མི་སྡེ་ཚན་ཚུ་ལུ་བཞེས་སྒོ་སྤྲོད་ནིའི་དོན་ལུ་ དབང་འདུས་ཕོ་བྲང་ལེབ་ཅ་ཁ་ལུ་སོ་ནམ་ཞིང་ཁ་ཅིག་མོ་བཏབ་ཀྱི་ལས་འགུལ་སྦེ་གཞི་བཙུགས་འབད་ཡོདཔ་ཨིན་མས། ཞིང་ཁ་འདི་ཧེག་ཊར་ ༥༢༥ དང་དོ་རུང་བཟའ་སྤྱོད་འབད་བཏུབ་པའི་ཞིང་ཁ་འཐེབ་ ༡༡༣ ཡོདཔ་ལས་ དེ་ནང་དམག་མི་གིས་ཀི་ལོ་མི་ཊར་ ༢༡ གི་ཆུ་གཡུར་བསལ་ཡོདཔ་ཨིན་མས། སྤྱི་ལོ་ ༡༩༨༥ ལུ་སོ་ནམ་ཞིང་ཁ་དེ་གིས་ཁེབ་ས་དངུལ་ཀྲམ་ས་ཡ་ ༤༠ བཟོ་ཡོདཔ་ཨིནམས། དེ་གིས་དམག་མི་དབང་པོ་ལུ་ཐོ་ཕོག་མི་དང་དགོངས་ཞུ་འགྱོ་མི་ཚུ་ལུ་ ཟུར་ཕོགས་མ་དངུལ་དང་སྐྱིན་འགྲུལ་ཚུ་བྱིན་ཏེ་རྒྱབ་སྐྱོར་འབད་དོ་ཨིན་མས། (འཛམ་གླིང་གི་སབ་ཁྲ། གནམ་ལོ་མེད། སྤྱི་ལོ་ ༢༠༠༤)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

[ཞུན་དག།]

༡.༽ འཛམ་གླིང་གི་སབ་ཁྲ། འབྲུག་གི་དམག་སྡེ། གནམ་ལོ་མེད། སྤྱི་ལོ་ ༢༠༠༤། ཡོངས་འབྲེལ་ཁ་བྱང་། https://photius.com/countries/bhutan/national_security/bhutan_national_security_armed_forces.html

༢༽ Military Ranks